དུག་སྦྲང་བསད་པས་སློབ་གྲྭ་ནས་ཕུད་པ།

Leave a Comment
ཉིན་ཞིག་སློབ་གྲྭ་གྲོལ་མཚམས་ཕྲུ་གུ་ཞིག་ངུ་བཞིན་ངུ་བཞིན་རང་ཁྱིམ་ལ་འབྱོར་བ་རེད། ཨ་མ་དེས། ཁྱེད་ག་རེ་བྱས་ནས་ངུ་གི་ཡོད་དམ། ཞེས་དྲིས་པས། བུ་དེས། ངས་དུག་སྦྲང་ཞིག་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བྱུང་བས་ང་ངུ་ཡི་ཡོད། ཞེས་བཤད་པ་རེད། དུག་སྦྲང་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བྱས་པ་ངས་གོ་མ་མྱོང། ཁྱེད་རང་དྲང་པོ་ཤོད་མ་གཏོགས། ཅེས་བཤད་པས། བུ་དེས། ང་ཚོའི་སློབ་སྤྱིའི་དབུ་ཡི་སྐྲ་མེད་ས་དེའི་སྟེང་དུག་སྦྲང་ཞིག་བབ་འདུག་པས་ངས་སེམས་ཀྱིས་མ་བཟོད་པར་སློབ་སྤྱིའི་དབུའི་སྟེང་གི་དུག་སྦྲང་དེ་ལག་པ་བཀྱགས་ཏེ་ཤུགས་གང་ཡོད་བརྒྱབ་ནས་བསད་པ་ཡིན་པས་སློབ་སྤྱིས་ང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཚབ་ཏུ་ང་སང་ཉིན་ནས་བཟུང་སློབ་གྲྭར་ཡོང་མི་དགོས་གསུང་བྱུང་ཞེས་བཤད་པ་རེད།
Next PostNewer Post Previous PostOlder Post Home

0 comments:

Post a Comment