ཤེལ་སྒོ་ཉོས་ཨ།

Leave a Comment

སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་ལས་ཁུངས་དང་སློབ་གྲྭ་འགོ་ཚུགས་ཀྱི་ཡོད་པ་རེད། ཁ་ལོ་བ་དཀྲོག་དཀྲོག་ཚ་པོ་ཞིག་གིས་ཆར་པའི་ནང་མོ་ཀྲ་མགྱོགས་པོ་བཏང་སྟེ་ལམ་དུ་ཕྲུ་གུ་ཆུང་ཆུང་ཞིག་སྒྲིག་ཆས་གཙང་མ་གྱོན་ནས་སློབ་གྲྭར་འགྲོ་བཞིན་ཡོད་པ་དེའི་ཐོག་ལ་འདམ་ཆུ་ཐོར་བ་རེད། ཕྲུ་གུ་ཆུང་ཆུང་དེས་སྐད་ཆེན་པོ་རྒྱབ་ནས་ངུས་པས་ཁ་ལོ་བ་དེས་མོ་ཀྲ་བཀག་སྟེ་ཕྲུ་གུ་དེར་པད་ཤག་བཅོ་ལྔ་སྤྲད་དེ། ཁ་ཁ་སྡོད། འདིས་རྔན་པ་ཉོས་ནས་ཟོ། ཞེས་བཤད་པར། ཕྲུ་གུ་ཆུང་ཆུང་དེས་ལམ་སེང་ཉེ་འགྲམ་ནས་རྡོ་ཞིག་བསྒྲུགས་ཏེ་མོ་ཀྲའི་ཤེལ་སྒོ་བཅག་པ་རེད། ཁ་ལོ་བས་ཁོར་གཤེ་གཤེ་གཏོང་སྐབས། པད་ཤག་བཅོ་ལྔ་དེ་ཕར་སྤྲད་ནས་ ཇོ་ལགས། ང་ལ་གཤེ་གཤེ་གཏོང་དགོས་མ་རེད། འདིས་ཤེལ་སྒོ་ཉོས་ཨ ཞེས་ཡ་ལན་ཚ་ཐག་ཆོད་ཅིག་རྒྱབ་ཡོད་འདུག
Next PostNewer Post Home

0 comments:

Post a Comment