ལྷ་སའི་མི་ཞིག་གིས་ལྷ་སའི་ཉེ་ཁོར་དུ་གནས་པའི་བླ་མ་ཞིག་ལ། ང་ཚོས་ནི་གྲངས་གསོག་ཙམ་བྱས་ནས་སྡོད་རྒྱུ་ལས་ཆོས་ཇི་བཞིན་ཉམས་ལེན་ཐུབ་ཀྱི་མི་འདུག ཁྱེད་ནི་སྒྲུབ་པ་ཉམས་ལེན་གནང་བ་ངོ་མཚར་ཆེ། ཞེས་བརྗོད་པར། བླ་མ་དེས། དྲང་སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག་ཟེར་བ་ཡིན་པས། གྲངས་ཀ་སོང་ན་དེ་གས་འགྲིགས་ཀྱི་རེད། ཅེས་བརྗོད་ཡོད་ཚོད་འདུག
0
གཞིས་ཆགས་ཤིག་ལ་དྷ་རམ་ས་ལ་ནས་སྐུ་ངོ་ཁ་ཤས་གཟིགས་སྐོར་དུ་ཕེབས་གྲབས་ཡོད་པ་རེད། གཞིས་འགོ་དེས། སང་ཉིན་སྐུ་ངོ་རྣམ་པ་ཕེབས་སོང་ན་ཡིན་ཅིག་མིན་གཉིས་ཁྱེད་ཚོས་ག་རེ་ཡིནའང་མཆོད་ཅེས་ལན་མང་ཨུ་ཚུགས་བརྒྱབ་དགོས་པ་དང་། མ་ཟད་གང་ཅིའི་ཐད་གཟབ་གཟབ་བྱེད་དགོས། ཞེས་གསུངས་པར། སྤྱི་མི་དང་མ་བྱན་ཚང་མས་ལྕེ་མར་བཏོན་ཙམ་བྱས་ཏེ། ལགས་སོ། བཀའ་གནང་རང་། ལགས་སོ། །བཀའ་གནང་རང་། ཞེས་ཞུས་པ་རེད། སྐུ་ངོ་རྣམ་པ་ཕེབས་པ་དང་ཁོང་ཚོས་ཨུ་ཚུགས་ཞེས་པའི་ཚིག་དེ་སེམས་ལ་ལྷམ་མེར་དྲན་ཏེ། སྐུ་ངོ་རྣམ་པ་ཚོའི་མདུན་ཅོག་སྟེང་གྷི་ལ་སི་ཆུས་བཀང་སྟེ་ཡོད་པ་དེ་ཞལ་ལག་མ་བཀྱག་པའི་གོང་དུ་བསྟུད་མར་ཐེངས་ཁ་ཤས་མཆོད་མཆོད་ཅེས་ཨུ་ཚུགས་བརྒྱབ་པས། སྐུ་ངོ་རྣམ་པས་མི་འདི་ཚོས་ཆུ་ལ་འདི་འདྲའི་ཨུ་ཚུགས་བྱེད་དགོས་དོན་ག་རེ་ཡིན་ནམ་བསམས་ཏེ་ཁོང་ཚོའི་གདོང་ལ་ནན་ཏན་བྱས་ནས་གཟིགས་དགོས་ཆགས།
0

དོན་གྲུབ་ཅེས་པའི་ཕོ་གསར་ཞིག་གིས་ཁོ་རང་གི་གྲོགས་པོ་ཚོའི་སར། ང་སྒྲོལ་མ་ལ་དཔེ་དགའ་ཡི་འདུག གལ་སྲིད་ཁྱེད་རང་ཚོ་ངའི་ཁ་ཡོད་ལག་ཡོད་ཀྱི་གྲོགས་པོ་ཡིན་ན། ཁྱེད་ཚོས་ང་ལ་རོགས་པ་ཞིག་བྱེད་དགོས་ཀྱི་འདུག ཅེས་བཤད་པར། གྲོགས་པོ་ཚང་མས། ཡིན་དང་ཡིན། དགོས་དུས་ཕན་མ་ཐོགས་ན་ཆོ་ག་རེ་ཡོད་རེད། ཁྱེད་རང་ལ་དཀའ་ངལ་ག་རེ་ཡོད་ནའང་ང་ཚོར་ཤོད། ང་ཚོས་འཇོན་ཚོད་དཔགས་ཚོད་ཀྱིས་རོགས་པ་བྱེད་ཆོག ཅེས་བཤད་པར། ཁོ་དགའ་ཐག་ཆོད་དེ། ད་འོ་ན་དོ་དགོང་ང་ཚོ་སྒྲོལ་མའི་ཕ་མའི་སར་སྐད་ཆ་ཤོད་དུ་འགྲོ་དགོས་ཀྱི་འདུག ཁྱེད་ཚོས་སྐད་ཆ་གང་ཡག་ཡག་ཅིག་བཤད་དེ་ཕ་མ་གཉིས་ཀྱི་ཡིད་བཀུག་ཐུབ་པ་ཞིག་བཟོ་རོགས། ཞེེས་བཤད་དེ་ཁོང་ཚོ་ཚང་མ་སྒྲོལ་མའི་ཁང་པར་ཕྱིན། སྒྲོལ་མའི་ཕ་མ་གཉིས་ནས་ཁོང་ཚོར་སྣེ་ལེན་གང་གཟབ་ཞུས་པ་རེད། གྲོགས་པོ་ཚོས་དོན་གྲུབ་ཡག་པོ་ཡོད་རབས་དང་བུ་མོ་གཉེན་སྒྲིག་བྱེད་རན་པའི་སྐོར་སོགས་བཤད་དེ་ཕ་མ་གཉིས་ཀྱི་ཡིད་བཀུག་ཐུབ་གྲབས་ཡོད་པའི་སྐབས་དེར། ཕོ་གསར་ནམ་རྒྱུན་སྐད་ཆ་ཡག་པོ་ཤོད་མི་ཤེས་མཁན་ཞིག་ཡོད་པ་དེས་རང་ཉིད་ནས་བོད་པའི་གཏམ་དཔེ་ཞིག་ཤེས་ཀྱི་ཡོད་པ་དེ་དེ་རིང་བེད་སྤྱོད་མ་བཏང་ན་ག་དུས་བཏང་བསམས་ཏེ། དངོས་གནས་བྱས་ན་ཁྱེད་ཕ་མ་གཉིས་ཀྱིས་ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་འཁྱེར་དགོས། ཞེས་བཤད་པས། པ་ལགས་དེས། ངས་ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་མ་འཁྱེར་བ་ག་རེ་བྱས་སོང་ངམ། ཞེས་ཕོ་གསར་ཚོའི་ཐོག་ལ་ངར་ཏེ་ཁོང་ཚོ་ཚང་མ་ཁང་པའི་ཕྱི་ལོགས་ལ་མ་ཐོན་ཀ་མེད་ཆགས།
0

པ་ལགས་གྲོད་ཁོག་ཆེན་པོ་ཞིག་ཞིང་ཁར་འགྲོ་བཞིན་པའི་ལམ་དུ། བུ་མོ་མཛེས་མ་ཞིག་ཐུག་འཕྲད་བྱུང་བ་རེད། བུ་མོ་དེས་པ་ལགས་དེའི་གྲོད་ཁོག་ལ་མཛུབ་མོ་བཙུགས་ཏེ། པ་ལགས། ཁྱེད་རང་གི་རྫ་མ་དེར་རིན་གོང་ག་ཚད་རེད་དམ། ཞེས་ཁྱད་གསོད་བྱས་པར། པ་ལགས་དེས། རྫ་མ་ལ་སྒོར་ལྔ་རེད། གལ་སྲིད་ཁྱེད་རང་ཀ་ལ་ཡང་མཉམ་དུ་དགོས་ཀྱི་འདུག་ན་སྒོར་བཅུ་རེད། ཅེས་བཤད་པར། བུ་མོ་དེས། ཨ་ཙི་དེ་འདྲའི་རིན་གོང་ཆུང་བ་ལ་ཨང་། ཞེས་བཤད་པར། པ་ལགས་དེས། རིན་གོང་ཆེན་པོ་ག་ལ་བརྒྱབ་ཕོད། རྫ་མ་རྐུབ་རྡོལ་རེད། ཅེས་རང་ཉིད་ཀྱི་གོས་ཐུང་ཕུད་ནས་རྐུབ་ཀྱི་ཨི་ཁུང་བསྟན་པ་རེད།
0

༈ སེམས་ཤུགས་ཆེ་བའི་ལུས་རྩལ་གྱི་དགེ་རྒན་ཇག་དཱིཔ་སིང་ཞུ་བ་ཞིག་ཡོད་པ་རེད། ཉིན་ཞིག་ཁོང་ཐང་ཆད་ནས་ངལ་གསོ་རྒྱོབ་བཞིན་ཡོད་སྐབས་སློབ་ཕྲུག་ཅིག་གིས་མཐོང་སྟེ་གུས་ཞབས་དང་བཅས་ཏེ།
Sir, are you relaxing? རྒན་ལགས། ཁྱེད་རང་སྐུ་ངལ་གསོས་ཀྱི་ཡོད་དམ། ཞེས་ཞུས་པར།
དགེ་རྒན་དེས།   No, I am Jagdeep Singh. མིན། ང་ཇག་དཱིཔ་སིང་ཡིན། ཞེས་གསུངས་པ་རེད།
0
༈ ཐེངས་ཤིག་ཨ་ཁུ་བསྟན་པ་ལྷ་སར་གནས་འཇལ་ལ་འགྲོ་བའི་ལམ་དུ། གནས་མཇལ་བ་གཞན་ཞིག་དང་ཐུག་འཕྲད་བྱུང་བ་རེད། གནས་མཇལ་བ་དེས་ཨ་ཁུ་ལཁྱེད་རང་གི་མིང་ལ་ག་རེ་ཞུ་གི་ཡོད་དམ། ཞེས་དྲིས་པར། ཨ་ཁུས། ངའི་མིང་ལ་རྐུབ་ཅེེས་བརྗོད་ཀྱི་ཡོད། ཅེས་ལན་བཏབ་པས། གནས་མཇལ་བ་དེས་ཨ་ཁུའི་མིང་ལ་རྐུབ་ཅེས་བརྗོད་ཀྱི་ཡོད་ཤག་བྱས་ཏེ་སེམས་ལ་ངེས་བརྟན་བྱས་པ་རེད། དགོང་དྲོ་ས་རུབ་སྐབས་ཁོང་གཉིས་གནས་ཚང་གཞན་དག་མ་ཐོབ་པས་དགོན་པ་ཞིག་གི་དཀོན་གཉེར་ལ་གནས་ཚང་གཡར་པོ་ཞུས། དཀོན་གཉེར་དེར་རང་ཉིད་ལ་སྡོད་ཁང་ཆུང་ངུ་ཞིག་ལས་མེད་སྟབས་ཨ་ཁུ་དང་གནས་མཇལ་བ་དེ་དགོན་པའི་ནང་དུ་བཞག་པ་རེད། མཚན་དགུང་ལ་ཨ་ཁུ་གྲོད་པ་ན་སྟེ་དགོན་པའི་ནང་བཙོག་པ་ཤོར་བར་བརྟེན་ཨ་ཁུས་གནས་མཇལ་བ་དེར་གང་ཡང་མ་ལབ་པར་ཞོགས་པ་སྔ་པོ་ནས་ལངས་ཏེ་ཐོན་ཕྱིན་པ་རེད། དེ་ནས་དུས་ཚོད་ཏོག་ཙམ་ཞིག་གི་རྗེས་སུ་དཀོན་གཉེར་དེ་སླེབས་ཏེ་དགོན་པ་བཙོག་དྲིས་གང་ནས་ཡོད་པས་གནས་མཇལ་བ་དེར། ཀྭས། འདི་ཚོ་སུས་བཏང་སོང་ངམ། ཞེས་དྲིས་པར། གནས་མཇལ་བ་དེས། དཀོན་གཉེར་ལགས། ང་མིན། རྐུབ་ཀྱིས་བཏང་སོང་། ཞེས་བཤད་པར། དཀོན་གཉེར་དེས། རྐུབ་ཁྱེད་རང་གི་མ་རེད་པས། ཨ། ཞེས་བརྗོད་དེ་ཁོ་ལ་ཉེས་རྡུང་མང་པོ་བཏང་ཡོད་འདུག
0
ཉིན་ཞིག་སློབ་གྲྭ་གྲོལ་མཚམས་ཕྲུ་གུ་ཞིག་ངུ་བཞིན་ངུ་བཞིན་རང་ཁྱིམ་ལ་འབྱོར་བ་རེད། ཨ་མ་དེས། ཁྱེད་ག་རེ་བྱས་ནས་ངུ་གི་ཡོད་དམ། ཞེས་དྲིས་པས། བུ་དེས། ངས་དུག་སྦྲང་ཞིག་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བྱུང་བས་ང་ངུ་ཡི་ཡོད། ཞེས་བཤད་པ་རེད། དུག་སྦྲང་བསད་པས་སློབ་གྲྭ་ནས་ཕྱིར་ཕུད་བྱས་པ་ངས་གོ་མ་མྱོང། ཁྱེད་རང་དྲང་པོ་ཤོད་མ་གཏོགས། ཅེས་བཤད་པས། བུ་དེས། ང་ཚོའི་སློབ་སྤྱིའི་དབུ་ཡི་སྐྲ་མེད་ས་དེའི་སྟེང་དུག་སྦྲང་ཞིག་བབ་འདུག་པས་ངས་སེམས་ཀྱིས་མ་བཟོད་པར་སློབ་སྤྱིའི་དབུའི་སྟེང་གི་དུག་སྦྲང་དེ་ལག་པ་བཀྱགས་ཏེ་ཤུགས་གང་ཡོད་བརྒྱབ་ནས་བསད་པ་ཡིན་པས་སློབ་སྤྱིས་ང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཚབ་ཏུ་ང་སང་ཉིན་ནས་བཟུང་སློབ་གྲྭར་ཡོང་མི་དགོས་གསུང་བྱུང་ཞེས་བཤད་པ་རེད།
0
Previous PostOlder Posts Home